We are ICIMOD, a unique intergovernmental institution leading the global effort to protect the pulse ...
With a vast array of partners, we organize our work in what we call Regional ...
Successful interventions can change lives for the better. We hope that the stories of success ...
1xbet
This site uses cookies, as explained in our terms of use. If you consent, please close this message and continue to use this site.
རྒྱལ་སྤྱིའི་མཉམ་འབྲེལ་གངས་རི་གོང་འཕེལ་ལྟེ་བ་९ཨི་སི་མོཌ०འདི་ ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་མི་མང་གི་དོན་ལུ་ལཱ་འབད ་མི་ ནང་འཁོད་ གཞུང་འབྲེལ་གྱི་ རྒྱུས་མངའ་ ཤེས་ཡོན་དང་སློབ་གཉེར ་ལྟེ་བ་ཅིག་ཨིན། ང་བཅས་ཀྱི་ཡིག་ཚང་ལྟེ་བ་འདི་ སྦལ་ཡུལ་ ནེ་པཱལ་གྱི་རྒྱལ་ས་ཀཌ་ མཱན་ཌུ་ལུ་གཞི་བཙུགས་འབད་ཡོདཔ་ད་ ལུང་ཕྱོགས་ཀྱི་འཐུས་མི་ ཨཕ་ག་ནིས་ཏཱན་ བངྒལ་དེཤ་ འབྲུག་ རྒྱ་ནག་ རྒྱ་གར་ མ་ཡཱན་མར་ སྦལ་ཡུལ་དང་ པ་ཀིས་ཏཱན་ རྒྱལ་ཁབ་བརྒྱད་ཀྱི་ནང་ལུ་དང་དོན་ལུ་ ལཱ་ཚུ་འབདཝ་ཨིན། ང་བཅས་ཀྱིས་ ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཕོ་མོ་ཨ་ལོ་དང་བཅས་པའི་མི་མང་གི་ མི་ཚེའི་གནས་སྟངས་ལེགས་བསྒྱུར་གྱི་དོན་ལུ་དང་ དེ་ ལས་གངས་རིའི་རང་བཞིན་གནས་སྟངས་དང་ལམ་སྲོལ་སྲུང་སྐྱོབས་ཀྱི་དོན་ལུ་ ལཱ་ཚུ་འབདཝ་ཨིན། ང་བཅས་ཀྱི་ལྟེ་བ་གིས་ རྒྱུས་མངའ་ ཤེས་ ཡོན་རྒྱ་བསྐྱེད་དང་ཁྱབ་སྤེལ་འབད་དེ་ ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་ལུ་ གནམ་གཤིས་འགྱུར་བ་དང་འབྲེལ་བའི་གནས་སྟངས་ཚུ་ ལུ་གདོང་ལེན་གྱི་ལྕོགས་གྲུབ་ཡོདཔ་བཟོ་ཚུགས་པའི་ཁར་ དེ་དང་འབྲེལ་བའི་གོ་སྐབས་ཚུ་ཡང་ ཕན་ནུས་ཅན་སྦེ་ལག་ལེན་འཐབ་ཚུགས་པའི་ རྒྱབ་སྐྱོར་ཐོག་ དུས་ཀྱི་འཕོ་འགྱུར་གནས་སྟངས་ཀྱི་དོན་ལུ་གྲ་སྒྲིག་འབདཝ་ཨིན།
ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ ག་ནི་བ་མཛེས་རྒྱ་ཆེ་བའི་གངས་རི་ཚུ་དང་ དེ་ནང་གི་སྲོག་ཆགས་ཀྱི་རིགས་དང་ མི་ ལམ་སྲོལ་ སྐྱེས་ལྡན་ གྱི་རིགས་སྣ་ཚོགས་ རྒྱ་ཆེ་དྲགས་སྦེ་ཡོད་མི་དང་ རི་རྒྱུད་དེ་ནང་གི་ཆུའི་བང་མཛོད་ རང་བཞིན་ནུས་ ཤུགས་དང་ གཞན་ཡང་རང་བཞིན་གྱི་ ཐོན་སྐྱེད་ཚུ་ འཛམ་གླིང་གི་རྒྱུ་དངོས་ཨིན། རི་རྒྱུད་འདི་གིས་ མི་རིགས་བཞི་དཔྱ་གཅིག་གི་མི་ཚེ་དང་འཚོ་བ་ཡུན་བརྟན་འབདཝ་ཨིན། དེ་ འབད་ནི་འདི་གིས་ རི་རྒྱུད་དེ་ ང་བཅས་རའི་རྒྱུ་སྐར་འཛམ་གླིང་འདི་གི་སྲོག་རྩ་ཨིན་པའི་ཁར་ རི་རྒྱུད་འདི་ འཛམ་གླིང་འཕྲོད་བསྟེན་གྱི་ཚད་ གཞི་འོས་པའི་ས་ཁོངས་ཅིག་ཨིན།
ང་བཅས་རའི་རྒྱུ་སྐར་འཛམ་གླིང ་འདི ་གི་སྲོག་རྩ་ ཧིད་དུ་ཀུཤ་ཧི་མ་ལ་ཡའི་རི་རྒྱུད་འདི་ ད་ལྟོའི་གནས་སྐབས་ནང་ ཉམས་ཆགས་ཅན་ཀྱི་ གནས་སྟངས་ཁར་ཡོདཔ་ཨིན། དེ་ཡང་ མཐའ་འཁོར་གནས་སྟངས་མར་ཉམས་དང་ ཡུན་བརྟན་མེད་པའི་གོང་འཕེལ་ གནམ་གཤིས་གནས་ སྟངས་འགྱུར་བ་དང་ ངེས་མེད་མི་སྡེ་དཔལ་འབྱོར་གནས་སྟངས་ལ་སོགས་པའི་སྐྱོན་ ཤུགས་ཀྱིས་ རི་རྒྱུད་འདི་ལུ་ ཉེན་ཚུབས་ཡོདཔ་ཨིན། ཨི་སི་མོཌ་ལྟེ་བ་གིས་ རྒྱུ་སྐར་འཛམ་གླིང་འདི་གི་སྲོག་རྩ་དེ་ ཉེན་སྲུང ་ཀྱི་དོན་ལུ་ ལཱ་འབདཝ་ཨིན། ང་བཅས་ཨི་སི་མོཌ་ལྟེ་བ་གིས་ རྐངམ་ ཡ་གཅིག་ཞིབ་འཚོལ་དང་ གཅིག་གོང་འཕེལ་གི་དོན་ལུ་བཙུགས་ཏེ་ སྲིད་བྱུས་གོང་འཕེལ་དང་ལེགས་བཅོས་ཀྱི་དོན་ལུ་ལཱ་འབད་དེ་ འཛམ་ གླིང་ནང་ཁྱད་པར་དུ་རིགས་སྣ་མང་བའི་ སྣ་བསྡུས་རང་བཞིན ་ཅན་གྱི་ལུང་ཕྱོགས་འདི་ནང་ ཡུན་བརྟན་གོང་འཕེལ་དར་ཁྱབ་ཀྱི་དོན་ལུ་ལཱ་ འབདཝ་ཨིན།
ང་བཅས་ཀྱི་རྒྱུས་མངའ་ཤེས་ཡོན ་འདི་ཡང་ བདོག་གཏད་ཅིག་ཨིནམ་ལས་ རྒྱུས་མངའ་ ཤེས་ཡོན་དེ་ཁྱབ་སྤེལ་འབད་ནི་ལུ་སེམས་ཤུགས་ བསྐྱེདཔ་ཨིན། ང་བཅས་ཀྱི་ལྟེ་བ་གིས་རྒྱུས་མངའ་ ཤེས་ཡོན་རྒྱ་བསྐྱེད་བཏང་སྟེ་ དཀའ་ངལ་ཚུ་གོ་རྟོགས་འབད་ཞིནམ་ལས་ ཞིབ་འཚོལ་ཚུ་ འགོ་འདྲེན་འཐབ་ གནས་སྡུད་དང་ ཕན་ནུས་ཅན་གྱི་ཐབས་བྱུས་ལག་ལེན་ལེགས་ཤོས་ཚུ་རྗེ་སོར་འབད་དེ་ འོས་འབབ་ཅན་གྱི་ཐབས་ལམ་ཚུ་ བཏོནམ་ཨིན། དེ་མ་ཚད་ང་བཅས་ཀྱིས་ ཧིན་དུ་ཀུཤ་ཧི་མ་ལ་ཡའི ་རི་རྒྱུད་ཀྱི་གནས ་སྡུད་ཚུ་ འཛམ་གླིང་རྒྱལ་སྤྱིའི་ཞིབ་འཚོལ་གྱི་དོན་ལུ་ བཙུགས་ཏེ་ བརྡ་དོན་བརྗེ་སོར ་རྒྱ་བསྐྱེད ་ཐོག་ ལུང་ཕྱོགས་དང་རྒྱལ་སྤྱིའི་གནས་ཚད་ཁར་ ཤེས་ཡོན་བརྗེ་སོར་ཀྱི་འོས་འབབ་ས་ཁོངས་ཚུ་ བཟོཝ་ཨིན།
གནམ་གཤིས་བསྒྱུར་བ་དང་འཛམ་གླིང་གཅིག་སྒྱུར་གི་སྐྱོན་ ཤུགས་ཀྱིས་ ཐོན་ཤུགས་དང་མི་སྡེ་ལུ་ཉེན་ཁ་ཡོད་པའི་ལུང་ཕྱོགས་ཅིག་ནང་གི་ རྒྱལ་ཁབ་དང་ལམ་སྲོལ་ཚུ་དང་གཅིག་ཁར་ ང་བཅས་ཀྱི་ལྟེ་བ་གིས་ལཱ་འབད་དེ་ རྒྱལ་སྤྱིའི་གྲོས་གནས་ས་ཁོངས་ཚུ་ནང་ རི་རྒྱུད་གནས་སྟངས་ ཀྱི་དཀའ་ངལ་ཚུ་གོ་བརྡ་སྤེལཝ་མ་ཚད་ རི་རྒྱུད་དང་འབྲེལ་བའི་བསམ་འཆར་ཚུ་ཡང་རྒྱ་ཆེར་ཁྱབ་སྤེལ་བཏངམ་ཨིན། དེ་མ་ཚད་ང་བཅས་ཀྱི་ལྟེ་ བ་གིས་ ཡུལ་ལྗོངས་ཚུ་འབྲེལ་མཐུད་འབད་དེ་ མཚན་རིག་དང་རྒྱུས་མངའ་ཤེས་ཡོན་གྱི་རྒྱབས་སྐྱོར་གྱི་དོན་ལུ་ རྒྱལ་ཁབ་ཚུ་གཅིག་ཁར་ འབག་འོང་ཐབས་ལུ་ ཁྱབ་ཚད་དང་ལས་སྡེ་ སྒྲིགས་གཞི་སྣ་ཚོགས་དང་མཉམ་འབྲེལ་ཐོག་ ལཱ་འབདཝ་ཨིན།
ཧིད་དུ་ཀུཤ་ཧི་མི་ལ་ཡ་རི་རྒྱུད་འདི་ ང་བཅས་རའི་རྒྱུ་སྐར་འཛམ་གླིང ་འདི ་གི་ཆུང་རིམ་གལ་གནད་ཅན་གྱི ་ ས་ཁོངས་རྩ་ཅན་ཅིག་ཨིན། རི་རྒྱུད་ འདི་སྲོག་ཆགས་དང་ལམ་སྲོལ་ མཛེས་ཆ་ཅན་དང་སྐྱེས་ལྡན་གྱི་རིགས་སྣ་ཚོགས་ཀྱི་ ཕྱུག་པའི་ས་ཁོངས་ཅིག་ཨིན། དེ་སྦེ་ཨིན་རུང་ གནམ་ གཤིས་འགྱུར་བ་ལུ་རྟེན་པའི་ཤུགས་རྐྱེན་དེ་ ལུང་ཕྱོགས་འདི་ནང་འཕྲལ་མྱུར་དངོས་འབྲེལ་གྱི་ཉམས་མྱོང་ཅན་ཅིག་ཨིན། ཧིན་དུ་ཀུཤ་ཧི་མ་ལ་ ཡའི ་རི་རྒྱུད་ལུང་ཕྱོགས་འདི་ བདག་མེད་སྦེ་བཞག་ཏེ་ཡུན་རིངམོ་སོང་ཡོདཔ་ཨིན་རུང་ ང་བཅས་ག་ར་གིས་ཧི་མ་ལ་ཡའི་རི་རྒྱུད་ནང་འཁོད་དང་ ཡང་ན་གཞན་འཛམ་གླིང་གི་ས་གནས་ག་སྟེ་ཨིན་རུང་འདྲ་ རི་རྒྱུད་ལུང་ཕྱོགས་འདི་ནང་གི་གནས་སྟངས་གིས་འཛམ་གླིང་ཡོངས་ལུ་བྱེམ་ཡོདཔ་ ཨིན། དེ་འབད་ནི་འདི་གིས་ ང་བཅས་རའི་གངས་རི་དང་རི་རྒྱུད་ཚུ་རྒྱུ་སྐར་འཛམ་གླིང་འདི་གི་སྲོག་རྩ་ཨིནམ་ལས་ ང་བཅས་ཀྱི་ལྟེ་བ་འདི་གིས་ སྲོག་རྩ་དང ་འདྲ་བའི་ཧི་མ་ལ་ཡའི་རི་རྒྱུད་དེ་ སྲུང་སྐྱོབས་འབད་ནི་ལུ་བརྩོན་ཤུགས་བསྐྱེདཔ་ཨིན།