We are ICIMOD, a unique intergovernmental institution leading the global effort to protect the pulse ...
With a vast array of partners, we organize our work in what we call Regional ...
Successful interventions can change lives for the better. We hope that the stories of success ...
1xbet
This site uses cookies, as explained in our terms of use. If you consent, please close this message and continue to use this site.
Pema Gyamtsho
4 mins Read
གངས་རི་ཚུ་རྒྱུ་སྐར་འཛམ་གླིང་གི་འཕྲོད་བརྟེན་བལྟ་རྟོག་འབད་མི་ལག་ཆས་བཟུམ་ཅིག་ཨིན། ས་ཕྱོགས་གཞན་ཁ་ལས་ཕར་ རྒྱུག་ཆུའི་གནས་སྟངས་ག་དེ་སྦེ་ཡོད་ག་ ལོ་ཐོག་ག་དེ་སྦེ་སྐྱེས་དོ་ག་ དེ་ལས་མི་སྡེ་འཚོ་བའི་གནས་སྟངས་ག་དེ་སྦེ་འགྱོ་དོ་ག་ཚུ་ག་ར་ འཛམ་གླིང་གི་རི་མགོ་མཐོན་པོའི་ས་ཁོངས་དེ་ཚུ་ནང་གི་འགྱུར་བ་དང་འཁྲིལ་དགོཔ་ཨིན། དེ་སྦེ་ཨིན་རུང་ དེ་བཟུམ་མའི་གལ་གནད་ཅན་གྱི་ལུང་ཕྱོགས་དེ་ཚུ་ལུ་ རྒྱལ་སྤྱིའི་བརྩི་འཇོག་གི་ངོས་འཛིན་དེ་ དཔེར་ན་ ཨ་མ་ཛོན་དང་འཛམ་གླིང་གི་སྣེ་ཕྱོགས་སུ་གཏོགས་པའི་ལུང་ཕྱོགས་ཚུ་དང་ཕྱདཔ་ད་ བརྩི་འཇོག་གི་ངོས་འཛིན་དེ་ཧ་ཅང་གིས་ཞེན་སུ་ཅིག་ཨིན། ལོ་ཨ་རྟག་ར་ ཉིནམ་འདི་ཁར་ བརྩི་སྲུང་ཞུ་སྲོལ་ཡོད་པའི་ རྒྱལ་སྤྱི་གངས་རིའི་ཉིནམ་འདི་ ད་རེས་སྣང་མེད་ལུས་ཡོད་པའི་ ནུས་སྟོབས་ལྡན་པའི་ཁར་གལ་གནད་ཅན་གྱི་ལུང་ཕྱོགས་དེ་ཚུ་ལུ་ བརྩི་མཐོང་བསྐྱེད་གནང་ཟེར་ འཛམ་གླིང་ཡོངས་ལུ་དྲན་བསྐུལ་གྱི་ཞུ་བ་ཨིན། ང་བཅས་རའི་གཅིག་མཐུན་གྱི་མ་འོང་པ་འདི་ བཙན་ཐབས་འབད་དགོ་པ་ཅིན་ གནམ་གཤིས་ལ་སོགས་པའི་འགྱུར་བ་དང་འབྲེལ་བའི་གདོང་ལེན་དེ་ ཕན་གནོད་གནས་སྟངས་ཚུ་མངོན་གསལ་ཆེ་བའི་ ས་ཁ་མཐོ་ས་ ག་ནི་བ་ཉམས་ཉེན་ཆེ་བའི་ ས་གནས་དེ་ཁར་ལག་ལེན་འཐབ་དགོ་པའི་ངོས་འཛིན་འབད་དགོཔ་ཡོད། དེ་འབད་ནི་འདི་གིས་ དུས་ཅི་གི་ རྒྱལ་སྤྱི་གངས་རི་ཉིནམ་གི་བརྗོད་དོན་དེ་ཡང་འོས་ཤིང་མཚམས་པ་ཅིན་ཨིན། གངས་རི་སྐྱེས་ལྡན་རིགས་སྣ་ཟེར་བའི་བརྗོད་དོན་འདི་གིས་ གངས་རིའི་རི་རྒྱུད་ལུང་ཕྱོགས་དེ་ཚུ་ དམིགས་གསལ་ཅན་དང་གལ་གནད་ཅན་ཨིན་པའི་བརྡ་དོན་སྤེལཝ་ཨིན། དེ་མ་ཚད་ ང་བཅས་ག་ར་གིས་ཤེས་གསལ་ལྟར་ སྲོག་ཆགས་སྐྱེས་སྣའི་རིགས་ཚུ་ ཚབས་ཆེན་གྱི་ཐོག་ལས་མར་ཉམས་བཏང་ཚུགས་པའི་ ཉེན་ཚུབས་ཀྱི་གནས་སྟངས་ལུ་དྲན་འཚོར་འབད་དེ་ གངས་རི་དེ་ཚུ་ཉེན་སྲུང་འབད་ནི་གི་དོན་ལུ་ གཅིག་སྒྲིལ་བརྩོན་ཤུགས་ལུ་མཉམ་འབྲེལ་རྒྱབ་སྐྱོར་གྱི་དགོས་མཁོ་བཀོདཔ་ཨིན།
གངས་རིའི་རི་རྒྱུད་ཚུ་གཞན་དང་དོ་འགྲན་ཚུགས་པའི་སྐྱེས་ལྡན་རིགས་སྣའི་རིན་ཐང་ཅན་གྱི་ནོར་མཛོད་ཅིག་ཨིན། རི་རྒྱུད་དེ་ཚུ་གི་ཁྱབ་ཚད་དེ འཛམ་གླིང་གི་ས་གཞི་ཡོངས་བསྡོམས་ལས་བརྒྱ་ཆ་༢༧ རྐྱམ་ཅིག་ཨིན་རུང་ གངས་རིའི་རི་རྒྱུད་དེ་ཚུ་གིས་ཆ་མི་སྙོམས་པའི་གོ་ལས་སྦེ་ ས་གཞི་གི་སྐྱེས་ལྡན་རིགས་སྣ་ལུ་ ཕན་ཐོགས་ཡོད་མི་དེ་ཡང་ དམིགས་གསལ་གྱིས་ རྒྱལ་སྤྱིའི་སྐྱེས་ལྡན་རིགས་སྣ་མང་ཤོས་ཀྱི་གནས་ས་ གངས་མཇུག་གི་མཐའ་ས་ཚུ་ལུ་ཕན་ཐོག་འབདཝ་ཨིན། ལུང་ཕྱོགས་ས་ཁོངས་དེ་ཚུ་གིས་ རྒྱལ་སྤྱིའི་སྲོག་ཆགས་སྐྱེས་ལྡན་གྱི་རིགས་ སྐམ་ས་དང་རློན་སར་གནས་པའི་སེམས་ཅན་དང་ བྱ་རིགས་དེ་ལས་ མངལ་སྐྱེའི་རིགས་ཀྱི་སེམས་ཅན་ བརྒྱ་ཆ་༨༥ གི་སྡོད་གནས་ཨིནམ་མ་ཚད་ མང་ཆེ་ཤོས་ཅིག་ མ་གཞི་ལས་ར་གངས་རིའི་རི་རྒྱུད་ཚུ་ནང་གནས་བཅའ་སྡོད་མི་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ བཞེས་སྒོའི་ལོ་ཐོག་ཁག་ཆེ་ཤོས་༢༠ གི་ནང་ལས་༦ གི་འབྱུང་ས་གངས་རིའི་རི་རྒྱུད་ཚུ་ནང་ལས་ཨིན། ཞིབ་འཚོལ་ལུ་བརྟེན་ གངས་རའི་རི་རྒྱུད་ཚུ་ནང་ ས་ཁ་མཐོ་བའི་ཁར་ གནམ་གཤིས་སྐྱོ་དྲག་ཡོད་རུང་ ས་གནས་དེ་ཚུ་ཁར་སྐྱེས་ལྡན་རིགས་སྣ་འཕྲོ་མཐུད་དེ་ར་ཡར་འཕེལ་འགྱོ་དོ་ཡོདཔ་སྦེ་ཤེས་རྟོགས་འབད་ཡོདཔ་ཨིན། དེ་མ་ཚད་ གངས་རའི་རི་རྒྱུད་ཀྱི་སྐྱེས་ལྡན་རིགས་སྣ་གིས་ མི་སྡེ་ཚུ་མཐུན་མོངས་མ་ཡིན་པའི་རིག་པ་དང་ཉམས་མྱོང་དང་ལྡནམ་བཟོ་ཐོག་ལས་ལེགས་བཅོས་འབདཝ་ཨིན། དེ་ཡང་ སྐྱེས་ལྡན་རིགས་སྣ་ལུ་བརྟེན་ ཁ་སྐད་དང་ལམ་སྲོལ་སྣ་ཚོགས་དར་ཁྱབ་འགྱོ་དོ་ཡོད་པའི་ སྒྲུབ་བྱེད་ཡོདཔ་ཨིན།
གངས་རིའི་རི་རྒྱུད་དེ་རིགས་སྣའི་དོན་ལུ་ག་ཅིའི་འཐད་ལས་ཡང་རྩ་ཅན་ཅིག་ཨིནམ་ ང་བཅས་ག་ར་གིས་མཐོང་སར་ཨིན། འཛམ་གླིང་མཐའ་དབུས་མེད་པའི་གངས་རིའི་རི་རྒྱུད་ཚུ་ ཆུའི་ཀ་གྱིམ་བཟུམ་ཅིག་ཨིནམ་མ་ཚད་ གནམ་གཤིས་འགྱུར་བགྲོད་མཚམས་འཛིན་འབད་དེ་ ཆུ་མཇུག་མ་སྡེའི་འཚོ་བ་དང་ལམ་སྲོལ་སྣ་ཚོགས་རྒྱུན་སྐྱོང་འབདཝ་ཨིན། ཧིན་དུ་ཀུཤ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ འཛམ་གླིང་ནང་གི་གངས་རིའི་རི་རྒྱུད་རིམ་ལུགས་གཞན་མི་ཚུ་དང་ཕྱདཔ་ད་ མི་གྲངས་ཐེར་འབུམ་༢ དེ་ཅིག་ལུ་ སྐྱེས་ལྡན་གནས་སྟངས་ཞབས་ཏོག་གི་ཆ་རྐྱེན་འབདཝ་ཨིན།
ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་འདི་ ཡ་མཚན་ཅན་གྱི་སྲོག་རྩ་དང་ ས་མཚམས་ཕན་ཚུན་འབྲེལ་ཟབ་ཅན་གྱི་ སྐྱེས་ལྡན་རིགས་སྣའི་བཙན་ས་ཅིག་ཨིན། ཧིན་དུ་ཀུཤ་ཧི་མ་ལ་ཡའི་རི་རྒྱུད་ནང་འཁོད་ གྲོང་སེབ་གྱི་མི་སྡེ་བརྒྱ་ཆ་༨༥ དེ་ཅིག་ ཁོང་རའི་འཚོ་སྐྱོང་གནས་སྟངས་ སྐྱེས་ལྡན་རིག་སྣ་ལུ་བརྟེན་སྡོདཔ་ཨིན། ལུང་ཕྱོགས་འདི་ སྔོ་ཤིང་སྐྱེས་སྣ་༣༥༠༠༠ ལྷགཔ་ཅིག་དང་ སྲོག་ཆགས་སེམས་ཅན་རིགས་སྣ་༢༠༠ ལྷགཔ་ཅིག་གི་སྡོད་གནས་ས་ཁོངས་ཨིན། ཡིད་སྤྲོའི་གནད་དོན་ཅིག་ ད་རེས་ང་བཅས་ཀྱིས་གསོ་སྐྱོང་འཐབ་མི་བྱ་རིགས་ལས་འགོ་བཟུང་ ལོ་ཐོག་དང་སེམས་ཅན་ལེ་ཤ་ཅིག་ རི་རྒྱུད་དེ་ཁར་ལས་བྱུང་ཡོདཔ་ཨིན་པའི་ཁར་ ང་བཅས་ཀྱིས་ད་ལྟོའི་བར་ན་ཡང་ སྐྱེས་སྣ་གསརཔ་འཐོབ་ཐོབ་སར་ཡོདཔ་ཨིན། སྤྱི་ལོ་༡༩༩༨ དང་༢༠༠༨ ཀྱི་བར་ན་ ཧི་མ་ལ་ཡ་རི་རྒྱུད་ལུང་ཕྱོགས་རྐྱངམ་ཅིག་གི་ནང་ལས་ར་ ཆ་སྙོམས་ལོ་རེ་ལུ་སྐྱེས་སྣ་གསརཔ་༣༥ རེ་གསར་ཐོབ་སྦེ་ཐོ་བཀོད་འབད་ཡོདཔ་ཨིན།
ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་འདི་ནང་ རྒྱལ་སྤྱིའི་སྐྱེས་ལྡན་རིགས་སྣའི་བཙན་ས་༤ དང་ ཡུ་ནེས་ཀོ་རང་བཞིན་སྲོལ་ཁྱུན་ས་ཁོངས་༦ རྒྱལ་སྤྱིའི་ཆུ་གནས་ས་ཁོངས་གལ་ཅན་ རཱམ་སར་ས་ཁོངས་༣༠ དང་ གལ་ཅན་གྱི་བྱ་དང་སྐྱེས་ལྡན་རིགས་སྣའི་ས་ཁོངས་༣༣༠ གིས་ཁྱབ་ཡོདཔ་ཨིན། རི་རྒྱུད་འདི་ ལམ་སྲོལ་སྣ་ཚོགས་ཀྱིས་ཁྱབ་པའི་ས་གནས་ དངོས་འབྲེལ་ལག་ལེན་ཅན་གྱི་ ཁ་སྐད་༡༠༠༠ ལྷགཔ་ཅིག་ཡོད་པའི་ཁར་ ལམ་སྲོལ་དེ་ཚུ་དང་འབྲེལ་བའི་ མཐུན་མོངས་མ་ཡིན་པའི་ སྔར་སྲོལ་ཤེས་ཡོན་ལམ་ལུགས་ལེ་ཤ་ཅིག་གིས་ཁྱབ་ཡོད་པའི་ས་གནས་ཅིག་ཨིན།
ཨིན་རུང་ ད་རེས་སྐྱེས་ལྡན་གནས་སྟངས་ཆ་མཉམ་གྱི་ནང་ལུ་ ལོག་སྤྱོད་དར་ཁྱབ་ཆེ་བའི་ཁར་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་གནས་སྟངས་ཧེང་སྐལ་ཚབས་ཆེན་བཟོ་དོ་ཡོདཔ་ཨིན། ཉེན་ཚུབས་ཆེ་བའི་གལ་གནད་ཅན་གྱི་ སྐྱེས་ལྡན་གནས་སྟངས་ ནག་ཚལ་དང་ ཆུ་ཞིང་ རི་རྒྱུད་དང་གངས་རི་དེ་ཚུ་ བརླག་སྟོར་གྱིས་ སྐྱེས་ལྡན་གནས་སྟངས་དང་སྐྱེས་སྣའི་བར་ན་གི་འབྲེལ་བ་ལུ་འགྱུར་བཅོས་དང་ཡང་ན་ གནོད་ཚབས་ཆེན་དྲག་བཟོ་དོ་ཡོདཔ་ཨིན། ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་འདི་ཡང་ དམིགས་གསལ་མེད། ད་ལྟོ་གི་ སྐྱེས་ལྡན་རིགས་སྣ་དང་ས་གཞི་མར་ཉམས་གྱི་གནས་ཚད་འོག་ལུ་ ང་བཅས་ཀྱིས་ རྒྱ་གར་ཧི་མ་ལ་ཡ་ནང་གི་གནས་ངེས་ཅན་གྱི་སྐྱེས་སྣ་བཞི་དཔྱ་གཅིག་ དུས་རབས་འདི་གི་མཇུག་ལུ་རྩ་མེད་འགྱོ་ས་མཐོང་ནི་གི་ཉེན་ཁ་ཡོད། ང་བཅས་རའི་ བལྟ་རྟོག་མེད་པའི་ཐོད་སྐྱེད་ལོག་སྤྱོད་དང་ རི་དྭགས་ས་ཁོངས་ཚུ་ནང་ཧམ་འཛུལ་འབད་བའི་བྱ་སྤྱོད་ཚུ་གིས་ གནོད་ཚབས་ཆེ་དྲག་སྦེ་ར་ཡོད་མི་དེ་ཡང་ སེམས་ཅན་ལས་མི་ལུ་འབུ་བའི་ནད་གཞི་ ཉེན་ཚུབ་ཅན་གྱི་ནད་ཡམས་ཀོ་བིཊ་-༡༩ གིས་ ང་བཅས་ཀྱིས་རང་བཞིན་ལུ་བདག་མེད་དང་ངན་སྤྱོད་འབད་བའི་གནས་སྟངས་གསལ་སྟོན་འབད་ཡོདཔ་ཨིན།
གངས་རིའི་སྐྱེས་ལྡན་རིགས་སྣ་ཉམས་ཆགས་མར་ཕབ་ཀྱི་ལུ་དོན་ལུ་ ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་སྡེ་ཚུ་གིས་ བརྩོན་ཤུགས་བསྐྱེད་ཡོད་པའི་དཔེ་དག་པ་ཅིག་ར་ཡོདཔ་ཨིན། དེ་བཟུམ་མའི་དཔེ་གཅིག་ རྒྱ་གར་གྱི་ས་ཁ་མཐོ་སའི་སོ་ནམ་ཞིང་པ་ཚུ་གིས་ སོན་རིགས་བརྗེ་སོར་དང་ སླར་སྤྱོད་དེ་ལས་ བསགས་འཇོག་གི་ཐོག་ལས་ ལོ་ཐོག་གི་སོན་རིགས་སྣ་ཚོགས་ཉམས་སྲུང་ལུ་བརྩོན་ཤུགས་བསྐྱེད་ཡོད་མི་དང་། ནེ་པཱལ་ཤར་ཕྱོགས་ཀྱི་མི་སྡེ་ཚུ་གིས་ བྱི་ལི་དོམ་འཁྱམས་སའི་ས་ཁོངས་ཉེན་སྲུང་འབད་ཡོད་མི། འབྲུག་ལུ་ ཁྲུང་ཁྲུང་སྐེ་ནག་གྱི་གནམ་དགུན་གྱི་འཁྱམས་ས་ཉེན་སྲུང་འབད་ཡོད་མི་དང་ ནུབ་ཕྱོགས་ཧི་མ་ལ་ཡ་རི་རྒྱུད་ནང་རྩ་ཅན་གྱི་སྐྱེད་ཚལ་ཉེན་སྲུང་། རྒྱ་གར་གྱི་ བྱང་ཕྱོགས་སི་ཀིམ་ནང་ འཛུམ་ས་སྔར་སྲོལ་ཡིག་ཚང་གིས་ རྩྭ་སྤྱོད་དང་ནག་ཚལ་ཐོན་སྐྱོད་ལག་ལེན་འཛིན་སྐྱོངས་ཚུ་ མངོན་གསལ་ཅན་གྱི་ས་གནས་འགྲོ་འདྲེན་གྱི་དཔེ་གཞན་མི་ཚུ་ཨིན། སེམས་ཤུགས་རུང་བའི་ རྒྱལ་ཡོངས་ཀྱི་ཐབས་བྱུས་ཚུ་ཡང་ལམ་ཕྱོགས་སུ་འོང་དོ་ཡོདཔ་ཨིན། ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱང་རྒྱབ་ཁབ་ཚུ་གིས་ ཨའི་ཅི་ དམིགས་གཏད་༡༡ ཟེར་ སྤྱི་ལོ་༢༠༢༠ ནང་འཁོད་ སྲུང་སྐྱོབས་ས་ཁོངས་དང་གཞན་ཕན་ནུས་ས་ཁོངས་གཞི་བཟུང་གི་ཐོག་ལས་ ཉམས་སྲུང་འབད་དགོ་པའི་བོད་བསྐུལ་ལུ་ ལྷག་བསམ་རྣམ་དག་ཀྱིས་གནས་ཡོདཔ་ཨིན། ཧིན་དུ་ཀུཤ་ཧི་མ་ལ་ཡ་ལུང་ཕྱོགས་ཀྱི་བརྒྱ་ཆ་༤༠ དེ་ཅིག་ སྲུང་སྐྱབས་ས་ཁོངས་སྦེ་ངོས་འཛིན་འབད་ཡོདཔ་ད་ འབྲུག་དང་ནེ་པཱལ་རྒྱབ་ཁབ་ཀྱིས་ ཁོང་རའི་དམིགས་གཏད་ཚད་གཞི་ལས་བརྒལ་ ཁོང་རའི་ས་གཞི་བརྒྱ་ཆ་༥༡.༤༤ དང་ བརྒྱ་ཆ་༢༣.༣༩ རེ་ སྲུང་སྐྱོབས་ས་ཁོངས་འོག་ལུ་ངོས་འཛིན་འབད་ཡོདཔ་ཨིན།
ང་བཅས་རའི་ཕན་བདེ་གི་དོན་ལུ་ ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་སྡེ་དང་རྒྱལ་ཁབ་ཚུ་གིས་ ང་བཅས་རའི་གངས་རི་དང་སྐྱེས་ལྡན་རིགས་སྣ་ཉམས་སྲུང་འབད་ནི་གི་དོན་ལུ་ གཅིག་ཁར་ལཱ་འབད་དགོ་པའི་དུས་ཚོད་ན་འཐན་ར་རན་ཡོདཔ་ཨིན།
ང་བཅས་ཀྱིས་ ཡུན་བརྟན་གོང་འཕེལ་གི་དམིགས་དོན་དང་ དེ་ལས་ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱི་རྒྱལ་ཁབ་༨ ཀྱིས་ སྐྱེས་ལྡན་རིགས་སྣའི་ཆིངས་ཡིག་དང་ འཛམ་གླིང་སྤྱི་ཚོགས་ཀྱི་གནམ་གཤིས་འགྱུར་བགྲོད་ལམ་ལུགས་ཆིངས་ཡིག་འོག་ལུ་ འགན་ལེན་འབད་ཡོད་མི་ཚུ་སྒྲུབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་ནི་གི་ཁས་ལེན་ཡོད། དེ་མ་ཚད་ ང་བཅས་རའི་ ཧིན་དུ་ཀུཤ་ཧི་མ་ལ་ཡའི་བྱ་ལེན་བོད་བསྐུལ་གྱི་ བྱ་གོ་༥ གིས་ ཞབས་ཏོག་ཡུན་བརྟན་རྒྱུན་སྐྱོང་གི་དོན་ལུ་ སྐྱེས་ལྡན་རིགས་སྣ་དང་ས་གཞི་ཉམས་ཆག་བཀག་འཛིན་འབད་དེ་ སྐྱེས་ལྡན་གནས་སྟངས་ཀྱི་སྐྱེས་སྟོབས་རྒྱ་བསྐྱེད་བཏང་ནི་ལུ་དམིགས་གཏད་བསྐྱེདཔ་ཨིན། འཕྲལ་ཁམས་ཀྱི་ ཧིན་དུ་ཀུཤ་ཧི་མ་ལ་ཡའི་ བློན་པོ་ལྷན་ཚོགས་ཞལ་འཛོམས་དང་གསལ་སྒྲགས་ཀྱིས་ བྱ་ལེན་བོད་བསྐུལ་ལུ་ངོས་འཛིན་དང་རྩ་བརྟན་བཟོ་ཡོདཔ་ལས་ དེ་གིས་ སྐྱེས་ལྡན་རིགས་སྣ་ཉམས་སྲུང་གི་དོན་ལུ་ ས་མཚམས་ཕན་ཚུན་མཉམ་འབྲེལ་དང་ རྒྱལ་སྤྱི་གནས་ཚད་ཁར་མགྲིན་གཅིག་དབྱངས་གཅིག་གི་དོན་ལུ་མདུན་ལམ་བཟོ་ཡོདཔ་ཨིན།
ང་བཅས་རའི་སྡོད་གནས་དང་རི་དྭགས་སྲུང་སྐྱོབ་འབད་ནི་དེ་བསྒུག་དགོཔ་མེད། རྒྱལ་སྤྱི་གངས་རའི་ཉིནམ་༢༠༢༠ གི་ཉིནམ་འདི་ཁར་ ང་བཅས་ག་ར་གིས་ ཧིད་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ མཐའ་ཡས་པའི་སྐྱེས་ལྡན་རིགས་སྣ་ཉེན་སྲུང་འབད་ནི་ལུ་ ཁས་བླངས་ནན་བསྐྱར་དུ་འབད་གེ!
ཁྱེད་ག་ར་ལུ་རྒྱལ་སྤྱི་གངས་རི་ཉིནམ་འདི་ཁར་སྨོན་ལམ་བཟང་པོ་ཡོད།
པདྨ་རྒྱ་མཚོ། ཡོངས་ཁྱབ་མདོ་ཆེན། རྒྱལ་སྤྱིའི་གངས་རི་གོང་འཕེལ་གཅིག་བསྒྲིལ་ལྟེ་བ་(ཨི་སི་མོཌ)
Download